Wednesday, November 6, 2013



         ༼སློབ་དཔོན་འཕགས་པ་འཇམ་དབྱངས༽
༉ སློབ་དཔོན་འཕགས་པ་རྗེ་བཙུན་འཇམ་དབྱངས་ཀྱིས།། ལྷ་དང་ལྷ་མིན་འཐབ་རྩོད་གཞི་ཐབས་ལུ།། ཚིག་མདངས་སྙན་པའི་བརྟེན་འབྲེལ་གླུ་ཞེས་ཚུ།། ཐུགས་བརྩེ་ཆེན་པོའི་སྒོ་ལས་གསུངས་གནང་ཡོད།།
འདོད་གུ་ལོངས་སྤྱོད་འཛོམས་པའི་ལྷ་ཡུལ་ནང་།།  མཐུན་འབྲེལ་མཆོད་སྟོད་བརྟེན་འབྲེལ་གླུ་ཞེས་ཚུ།།  འགོ་ཐོག་ལྷ་ཡི་གླུ་ལས་དཔེ་བླང་སྟེ།། འཇིག་རྟེན་མི་ཡུལ་ལུང་པ་དར་ཏེ་ཡོད།།
སྨན་ལྗོངས་ཙན་དན་བཀོད་པའི་འབྲུག་གི་རྒྱལ་ཁབ་འདི།། ལྷ་གཅིག་ཨོ་རྒྱན་པད་མ་འབྱུང་གནས་ལུ།། སྦས་གནས་བྱིན་གྱིས་བརླབས་པའི་གནས་ཆེན་ཚུ།། གླུ་བྲོ་གར་གྱི་མཆོད་དབྱངས་ཕུལ་ཏེ་ཡོད།།
ཆོས་སྲིད་གཉིས་ལྡན་འབྲུག་གི་རྒྱལ་ཁབ་འདི།། ཕ་མཆོག་དྲིན་ཅན་ངག་དབང་རྣམ་རྒྱལ་ལུ།། གཞུང་སྐྱོང་གཞི་བཙུགས་གནང་བའི་བརྟེན་འབྲེལ་ལུ།།   ཕུན་སུམ་ཚོགས་པའི་བྲོ་གར་འཆམ་ཏེ་ཡོད།།
དགའ་སྐྱིད་གཉིས་ལྡན་འབྲུག་གི་རྒྱལ་ཁབ་འདི།།   རྫོང་གཞི་སྒྲུབ་གནས་ལོ་མཆོག་དགའ་བརྟེན་དང་།། ཕན་ཚུན་མཛའ་བརྩེ་དགའ་སྤྲོ་མཐུན་འབྲེལ་ལུ།།   མངའ་འབངས་ཡོངས་ཀྱིས་དགའ་སྐྱིད་གླུ་གར་གྱུར།།
                                      རྫོགས་སོ།

༉ ཡར་གྱི་གངས་སྟོད་འཐོན་པོ་ས་ལོ་ལོ།། ཡར་གྱི་གངས་སྟོད་འཐོན་པོ་ས་ལོ་ལོ།། གངས་དང་སེང་ཆེན་དཀར་མོ་ནམ་ཡང་བྲལ་ས་མེད།། བུ་དང་བུ་མོ་དགའ་བའི་ཞབས་བྲོ་ཁྲབ་སི་ལོ་ལོ།།
གླུ་གཅིག་ཕུལ་དགོ་ལ་བསམ་ཡོད།། ཡར་སྟེང་ཕྱོགས་ལྷ་ལུ་ཕུལ་ནི་ཨིན།། སྟེང་ལ་དགའ་བའི་སུམ་རྩེ་ལྷ་ཡུལ་ནང་།། ལྷ་ཡི་དབང་པོ་བརྒྱ་བྱིན་བཞུགས་ཡོད།།
གླུ་གཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། ན་བར་ཕྱོགས་བཙན་ལུ་ཕུལ་ནི་ཨིན།། བར་ལ་དགའ་སྐྱིད་འཛོམས་པའི་ས་འདི་ནང་།། བཙན་གྱི་ཡ་མི་ཡབ་ཤུད་བཞུགས་ཡོད།།
གླུ་གཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། མར་འོག་ཕྱོགས་གླུ་ལུ་ཕུལ་ནི་ཨིན།། འོག་ལ་ལོངས་སྤྱོད་འཛོམས་པའི་ས་འདི་ནང་།། གླུ་ཡི་དབང་པོ་དགའ་བོ་བཞུགས་ཡོད།།
གླུ་གཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། ན་འབྲུག་ཡུལ་འདི་ནང་ཕུལ་ནི་ཨིན།། འབྲུག་ལ་དགའ་སྐྱིད་ལྡན་པའི་ས་འདི་ནང་།། ཐུགས་བརྩེ་ཆེ་བའི་མངའ་བདག་བཞུགས་ཡོད།།
གླུ་གཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། སྐུ་དྲིན་ལྷན་རྒྱས་ཡོངས་ལུ་ཕུལ་ནི་ཨིན།། ཐུགས་ལ་སྤྲོ་བའི་ངང་ལས་སྟོད་མོ་འདི།། བརྩེ་བའི་སྤྱན་གྱིས་གཟིགས་ཏེ་བཞུགས་ཡོད།།
ཡར་གྱི་གངས་སྟོད་འཐོན་པོ་ས་ལོ་ལོ།། ཡར་གྱི་གངས་སྟོད་འཐོན་པོ་ས་ལོ་ལོ།། གངས་དང་སེང་ཆེན་དཀར་མོ་ནམ་ཡང་བྲལ་ས་མེད།། བུ་དང་བུ་མོ་དགའ་བའི་ཞབས་བྲོ་ཁྲབ་སི་ལོ་ལོ།།
ཡར་གྱི་དགུང་སངས་འཐོན་པོ་ས་ལོ་ལོ།། ཡར་གྱི་དགུང་སངས་འབོན་པོ་ས་ལོ་ལོ།། དགུང་དང་ཁྲི་གདུགས་ཉི་མ་ནམ་ཡང་བྲལ་ས་མེད།། བུ་དང་བུ་མོ་དགའ་བའི་ཞབས་བྲོ་ཁྲབ་སི་ལོ་ལོ།།
                 ༼ལུས་སྐྱིད་མཉམ༽
༉ ལུས་སྐྱིད་མཉམ་གཡུས་བཟང་ཕྲ་མོ་ལས།། སེམས་དམ་ཚིག་ཅན་གྱི་སྨན་ཆུང་བུམོ།། ང་སངས་རྒྱས་མ་འགྱོ་སྡོད་གནང་ཟེར།། བགོ་རལ་པའི་མཐའ་མ་ཤེད་ཚེ་ཕངས།།-ང་མ་འགྱོ་རང་དབང་ཚེ་མིན་འདུག། འགྱོནི་འགྱོ་བའི་ལམ་འཐག་ང་མ་ཆད།།
སེམས་མ་འཁྲུལ་ཚེ་གཅིག་གཏན་གྱི་གྲོགས།། ཐུགས་མ་ཕམ་དམ་ཚིག་ཅན་གྱི་བུམོ།། ལུས་འགྱོ་བའི་ལམ་ལས་ཐལ་སོང་རུང་།། སེམས་གཡུས་བཟང་ཕྲ་མོ་ལུས་སོང་ཡི།།-ཕྲལ་མི་ཡི་ལུང་པ་ཡར་སོང་རུང་།། འཇུག་དམ་ཚིག་བཏོན་ཏེ་ལོག་འཐོན་འོང་།།
བུ་གཡུས་བཟང་ཕྲམོ་ལས་འཐོན་པའི་བསྒང་།། མོ་དམ་ཚིག་ཅན་གྱི་སྨན་ཆུང་འདི།། གཟུགས་སྒོ་སྒྲིགག་ནང་ལས་གྱིམ་སྡོད་ནུག། སྐྱོཝ་མིག་ཆུ་ས་ཁར་གཤོར་སྡོད་ནུག།-དིག་ཆེ་བའི་བཅེས་བཅེས་སྐྱེ་པའི་ཡུམ།། ཧིང་ཚ་བའི་ངེ་གི་སྨན་ཆུང་བུམོ།།
                                 བཀྲིན་ཆེ།




༉ གླུ་འདི་གང་དང་གང་གི་གླུ།ཕྱོགས་ལས་རྣམ་པར་རྒྱལ་བའི་གླུ་དབྱངས།། བཀྲིས་སྨོན་ལམ་བཟང་པོའི།། གླུ་ལ་བྱུང་ཞིང་གསོན་པར་ཞུ།། ཉིན་ཚན་མ་སྒམ་གླིང་ཡུལ་ནས།། རྒྱལ་ས་ནུབ་པའི་དགྲ་འདི་འཁོར་ཡང་།།  མ་དང་མཁའ་འགྲོའི་ལུང་བརྟན།། འདི་རིང་རྒྱང་ལ་ཕེབས་པར་གཞིགས།། མི་དབང་འཇིགས་མེད་སེང་གེ་མཆོག། དཔལ་ལྡན་འབྲུག་པའི་དན་ས་ཆེ་ཡང་།། རི་འོང་འབྲུ་འཛིན་ཕོ་བྲང་།། འགྱུར་བ་མངའ་ལྡན་ཆུ་མོ་ལུ།། མིན་དྲུག་ཟླ་བ་ཡར་ཚེ་ལ།། འཆིབ་ཁ་ལྷོ་ལུ་འགྱུར་ནས་ཕེབས་ཡང་།། དུས་ཚོད་ཤུལ་དུ་ལུས་པ།། ཡུམ་སྲས་རྩེ་མོ་ལུས་པ་ཅད།།མ་དང་བྲལ་བའི་ཁྲུག་ཞིང་།། སེམས་དོག་མེད་པའི་ཐང་ལ་ཁྱམས་ཡང་།། རྒྱབ་ཤིང་རྩེ་བའི་གདུང་སེམས་།། བྲལ་བའི་ནུས་པ་ལུས་ཀྱང་ལྡན།། མ་དང་བྲལ་བའི་སྣང་བ་ལ།།བསམ་ཤུང་བསྔོ་ཡང་འགྲོ་ནས་སྐྱེ་ཡང་།། ཡང་དང་དེ་ལ་ཅད་ན།། རང་གི་སེམས་ལ་དེ་འདྲ་བཞག།
                                                 བཀྲིན་ཆེའོ

༉ གངས་རིས་ནང་རྩེ་ལས་དབུ་གཅིག་རྐྱབ།། སྤང་སེར་ཤོག་པང་ལས་དབུ་ལེན་མཇལ།།
ཕྲལ་ངོ་ཤེས་མེད་རུང་སེམས་དགའ་བས།། མི་འབྲེལ་བ་མེད་རུང་ཧིང་ཚ་བས།། ཨའི་་་་་་་་་་་་་
ཨའི་མཐོང་ཚེ་ཀུན་གྱིས་ཡིད་ཆེ་བས།། ཤིང་ལོ་འདབ་མེད་པར་སེམས་འཁྲུལ་བས།།
བཏབ་སྡོད་མཉམ་བྱཱར་གྱི་པང་སྤྲོ་བས།། པང་སྤྲོ་ས་གྱོག་མོ་སྲོག་ཚ་བས།།ཨའི་་་་་་་་་་་་་་་་
བྱ་ཁུ་བྱུག་སྐྱེ་ས་གངས་ཁྲབ་པས།། གངས་ཁྲ་མོའི་ཕྱོགས་སུ་གཡོ་ཆི་གེ། ཨའི་་་་་་་་་་་
                                    རྫོགས་སོ།།



༉ ནོར་བཟང་རྒྱ་ལུ་འབྱོནམ་ད།། ཡིད་འཕྲོག་མ་བཞག་འཁྱིད་གནང་།། བྱང་ཆུབ་འགྲོ་བའི་ལམ་ལུ།།         ཡིད་འཕྲོག་ཕྱག་ཕྱིད་ཞུ་གེ། འགྲོ་བ་བཟང་མོ་འབྱོནམ་ད།། ལྕམ་སྲིང་མ་བཞག་འཁྱིད་གནང་།། བདུད་ཀྱི་འཇིགས་པ་འབྱུང་ན།། ལྕམ་སྲིང་ཕྱག་ཕྱིད་ཞུ་གེ། སྣང་ས་ཆོས་ལུ་འབྱོནམ་ད།། ལྷ་ཕྲུག་མ་བཞག་འཁྱིད་གནང་།། ཆོས་ལ་བར་ཆད་འབྱུང་ན།།ལྷ་ཕྲུག་ཕྱག་ཕྱིད་ཞུ་གེ། བུ་ཆུང་རྒྱ་ལུ་འབྱོནམ་ད།། བུ་མོ་མ་བཞག་འཁྱིད་གནང་།། མཐོ་བའི་ལ་མོ་བརྒལ་ཚེ།། བུ་མོས་ཕྱག་ཕྱིད་ཞུ་གེ།།
བཀྲིན་ཆེ།

༼རྫོང་འདི་ལ༽

༉ རྫོང་འདི་ལ་ཨེ་མོ་རུང་གི་ནང་ཤིག་ནང་ལ།། སྭ་ཡ་ལ་་་རྟ་ཕོ་ལ་ཨ་མ་གཅིག་ལ་རྟིའུ་ཅུང་གསུམ་ལ་རྟིའུ་ལ་ཆུང་ གསུམ།།
རྟིའུ་ཅུང་ལ་ཆེ་བ་རྒྱ་ལུ་མ་གཏང་ནང་ལ།། སྭ་ཡ་ལ་་་རྒྱ་ཡི་ལ་རྒྱ་ནག་རྒྱལ་པོའི་ཆིབས་རྟ་རེ་ལ་ཆིབས་ལ་རྟ་རེ།།
རྟིའུ་ཅུང་ལ་བར་མ་བོད་ལ་མ་གཏང་ནང་ལ།། སྭ་ཡ་ལ་་་བོད་ཀྱི་ལ་སྤྲུལ་པའི་ཆོས་རྒྱལའི་ཆིབས་རྟ་རེ་ལ་ཆིབས་ལ་རྟ་རེ།།
རྟིའུ་ཅུང་ལ་ཆུང་བ་འབྲུག་ལུ་མ་གཏང་ནང་ལ།། སྭ་ཡ་ལ་་་འབྲུག་གི་ལ་དབང་ཆེན་དཔོན་པོའི་ཆིབས་རྟ་རེ་ལ་ཆིབས་ ལ་རྟ་རེ།།
ཕུ་འདི་ལ་དབུས་ལ་བཞུགས་པའི་མཚན་ལྡན་ཚོགས་ལ།། སྭ་ཡ་ལ་་གནས་སྒོ་ལ་འཕྱལ་ནས་གནས་བཤད་གཏོང་རོགས་ མཛད། གནས་སྒོ་ལ་འཕྱལ་ནས་གནས་བཤད་མ་གཏང་ནང་ལ།།་སྭ་ཡ་ལ་་གཞོན་པ་ང་འཚོ་ས་འཐག་རྒྱང་ནས་ཡོང་ལ་རྒྱང་ནས་ཡོང་།། ས་གཞི་ལ་བདག་པོ་དོམ་གྱི་སྒང་ནས་ཡོང་ལ།། སྭ་ཡ་ལ་སྤྲིན་ཕ་དཀར་པོའི་ཚེ་འདི་བཙུགས་ནས་ཡོངས་ལ་བཙུགས་ནས་ ཡོངས།།
                                                           རྫོགས་སོ།།



                 ༼ལ་གཞོན་པའི་འཇམ་ཆོས་བཟང༽
༉ ལ་གཞོན་པའི་འཇམ་པ་ཆོས་བཟང་ལ།། ཤར་ཕྱོགས་རི་བོའི་རྩེ་ལས།། གསེར་གྱི་མཆོད་རྟེན་བཞེངས་ཡོད་ལོ།། ཨ་དག་ལས་ཨེ།། ལ་གཞོན་པའི་འཇམ་པ་ཆོས་བཟང་ལ།། གསེར་གྱི་མཆོད་རྟེན་མ་རེ།།  མཚན་ལྡན་བླ་མའི་སྐུ་གཟུགས་རེ།། ཨ་དག་ལས་ཨེ།།
ལ་གཞོན་པའི་འཇམ་པ་ཆོས་བཟང་ལ།། ཤར་ཕྱོགས་རི་བོའི་རྩེ་ལས།། དཀར་གསལ་ཟླ་བ་ཤར་ཡོད་ལོ།། ཨ་དག་ལས་ཨེ།། ལ་གཞོན་པའི་འཇམ་པ་ཆོས་བཟང་ལ།། དཀར་གསལ་ཟླ་བ་མ་རེ།། མཚན་ལྡན་བླ་མའི་ཞལ་རེས་རེ།། ཨ་དག་ལས་ཨེ།།
ལ་གཞོན་པའི་འཇམ་པ་ཆོས་བཟང་ལ།། ཤར་ཕྱོགས་རི་བོའི་རྩེ་ལས།། གསེར་གྱི་རྒྱ་གླིང་འཕུ་ཡོད་ལོ།། ཨ་དག་ལས་ཨེ།། ལ་གཞོན་པའི་འཇམ་པ་ཆོས་བཟང་ལ།། གསེར་གྱི་རྒྱ་གླིང་མ་རེ།། མཚན་ལྡན་བླ་མའི་གསུང་སྐད་རེ།། ཨ་དག་ལས་ཨེ།།
                                                    བཀྲིས་བདེ་ལེགས་སོ་འགྱུར་ཅིག།

༉ སྤུང་ཐངས་བདེ་ཆེན་ཆགས་པའི་ནང་ཤིག་ནང་།། ངག་དབང་རྣམ་རྒྱལ་གསུང་སྐད་ལྷང་སི་ལྷང་།། སྤུང་ཐངས་བདེ་ཆེན་བསམ་ནས་ཡོང་བ་མིན།། ངག་དབང་རྣམ་རྒྱལ་བསམ་ནས་ཡོང་བ་ཡིན།།
ལྷོ་བྲག་མཁར་ཆུ་ཆགས་པའི་ནང་ཤིག་ནང་།། ནམ་མཁའི་སྙིང་པོ་གསུང་སྐད་ལྷང་སི་ལྷང་།།  ལྷོ་བྲག་མཁར་ཆུ་བསམ་ནས་ཡོང་བ་མིན།། ནམ་མཁའི་སྙིང་པོ་བསམ་ནས་ཡོང་བ་ཡིན།།
བཀྲིས་ཆོས་རྫོང་ཆགས་པའི་ནང་ཤིག་ནང་།། སྐྱབས་རྗེ་མཁན་པོ་གསུང་སྐད་ལྷང་སི་ལྷང་།།   བཀྲིས་ཆོས་རྫོང་བསམ་ནས་ཡོང་བ་མིན།། སྐྱབས་མཁན་པོ་བསམ་ནས་ཡོང་བ་ཡིན།།
བདེ་ཆེན་ཆོས་གླིང་ཆགས་པའི་ནང་ཤིག་ནང་།། མི་དབང་རྒྱལ་པོ་གསུང་སྐད་ལྷང་སི་ལྷང་།།    བདེ་ཆེན་ཆོས་གླིང་བསམ་ནས་ཡོང་བ་མིན།། མི་དབང་རྒྱལ་པོ་བསམ་ནས་ཡོང་བ་ཡིན།།
དགའ་སྐྱིད་གཉིས་ལྡན་འབྲུག་གི་རྒྱལ་ཁབ་ནང་།། རྒྱལ་བློན་འབངས་གསུམ་འཛོམས་པ་སེམས་རེ་དགའ།། གསེར་ཁྲི་གུ་ལུ་བཞུགས་པའི་རྒྱལ་པོ་མཆོག། སྔར་ལས་དར་ཞིང་རྒྱས་པའི་སྨོན་ལམ་ཞུ།།
                                                   རྫོགསོ།།
༉ བཀྲིས་གཡང་ཆགས་དཔལ་གྱི་ཉི་མ་ལུ།། ན་གཞོན་གླུ་གར་འགྱུར་བའི་སྐལ་བ་བཟང་།། འདིར་ཚོགས་མི་དམངས་ཐུགས་སྤྲོ་འབབ་པའི་གཞི།། གླུ་གར་ཁྲ་མོའི་ལྟོད་མོ་གཟིགས་པར་ཤོག།
ཁྱོད་ནི་ཡབ་ཆེན་དབའི་དགུང་སངས་ཀྱི་འཐོན་པོ།། དགུང་དང་ཁྲི་གདུགས་ཉི་མ་དབའི་གཡང་འཆམ་དོ།། གཡང་ལ་འཆམ་ཤོག་ཁྲི་གདུགས་འཆམ་པ་དགའ།། དགྲ་ལ་གཟའ་ཟིན་མེད་པར་དབའི་དགའ་ཚོར་ཡོད།།
ཁྱོད་ནི་ཡབ་ཆེན་དབའི་གངས་སྟོད་ཀྱི་འཐོན་པོ།། གངས་དང་སེང་ཅེན་དཀར་མོ་དབའི་གཡང་འཆམ་དོ།། གཡང་ལ་འཆམ་ཤོག་སེང་གེ་འཆམ་པ་དགའ།། ཁ་བ་འབུ་ཡུར་མེད་པར་དབའི་དགའ་ཚོར་ཡོད།།
ཁྱོད་ནི་ཡབ་ཆེན་དབའི་པང་སྟོད་ཀྱི་འཐོན་པོ།། པང་དང་ཤཝ་རྒྱས་རབ་ཅུང་དབའི་གཡང་འཆམ་དོ།། གཡང་ལ་འཆམ་ཤོག་ཤཝ་རྒྱས་འཆམ་པ་དགའ།། དགྲ་ལ་ཤ་ཁྱི་མེད་པ་དབའེ་དགའ་ཚོར་ཡོད།།
ཁྱོད་ནི་ཡབ་ཆེན་དབའི་མཚོ་སྟོད་ཀྱི་འཐོན་པོ།། མཚོ་དང་གསེར་མི་ཉ་མོ་དབའི་གཡང་འཆམ་དོ།། གཡང་ལ་འམ་ཤོག་གསེར་མི་འཅམ་པ་དགའ།། དགྲ་ལ་སྲམ་ཅུང་མེད་པར་དབའི་དགའ་ཚོར་ཡོད།།
ཁྱོད་ནི་ཡབ་ཆེན་དབའི་གཡུས་བཟང་གི་འཐོན་པོ།། གཡུས་དང་ཡབ་ཡུམ་གཉིས་ཀུ་དབའི་གཡང་འཆམ་དོ།། གཡང་ལ་འཆམ་ཤོག་ཡབ་ཡུམ་འཆམ་པ་དགའ།། ལུས་ལ་ན་ཚ་མེད་པར་དབའི་དགའ་ཚོར་ཡོད།།
བཀྲིས་གཡང་ཆགས་དཔལ་གྱི་ཉི་མ་ལུ།། ན་གཞོན་གླུ་གར་འགྱུར་བའི་སྐལ་བ་བཟང་།། འདིར་ཚོགས་མི་དམངས་ཐུགས་སྤྲོ་འབབ་པའི་གཞི།། གླུ་གལ་ཁྲ་མོའི་ལྟོད་མོ་གཟིགས་པར་ཤོག།
                                               བཀྲིན་ཆེ།

༉ང་འཚོ་རྒྱ་ལུ་འགྲོ་མ་མྱོང་ལ།། སྭ་ཡ་ལ་་་རྒྱ་གི་འགྲོ་ལུགས་ལ་ང་གིསཤེས།། རྒྱ་གི་འགྲོ་ལུགས་ཤེས་ཟེར་ནང་ལ།། སྭ་ཡ་ལ་་་རྐང་མར་ལྷམ་ཅུང་ལ་ཁྲབ་སི་ཁྲབ།།
ང་འཚོ་བོད་ལུ་འགྲོ་མ་མྱོང་ལ།། སྭ་ཡ་ལ་་་བོད་ཀྱི་འགྲོ་ལུགས་ལ་ང་གིས་ཤེས།།                    བོད་ཀྱི་འགྲོ་ལུགས་ཤེས་ཟེར་ནང་ལ།། སྭ་ཡ་ལ་་་གངས་དཀར་ཁ་བ་ལ་ཁྲབ་སི་ཁྲབ།།
ང་འཚོ་འབྲུག་ལུ་འགྲོ་མ་མྱོང་ལ།། སྭ་སཡ་ལ་་་འབྲུག་གི་འགྲོ་ལུགས་ལ་ང་གིས་ཤེས།།                འབྲུག་གི་འགྲོ་ལུགས་ཤེས་ཟེར་ནང་ལ།། སྭ་ཡ་ལ་་་སེར་ཁྲ་དམར་ཁྲ་ལ་ཁྲབ་སི་ཁྲབ།།
ང་འཚོ་ཁྲོམ་ལུ་འགྲོ་མ་མྱོང་ལ།། སྭ་ཡ་ལ་་་ཁྲོམ་གྱི་ཁྲོམ་ལུགས་ལ་ང་གིས་ཤེས།།                    ཁྲོམ་གྱི་ཁྲོམ་ལུགས་ཤེས་ཟེར་ནང་ལ།། སྭ་ཡ་ལ་་་་བུ་དང་བུ་མོ་ལ་ཁྲབ་སི་ཁྲབ།།
ང་འཚོ་གཡུས་ལུ་འགྲོ་མ་མྱོང་ལ།། སྭ་ཡ་ལ་་་གཡུས་ཀྱི་འགྲོ་ལུགས་ལ་ང་གིས་ཤེས།།               གཡུས་ཀྱི་འགྲོ་ལུགས་ཤེས་ཟེར་ནང་ལ།། སྭ་ཡ་ལ་་་སྟྭ་རེ་ཏོག་ཙི་ལ་ཁྲབ་སི་ཁྲབ།།
                       བཀྲིན་ཆེ།



ཨོ་རྒྱལ་བ་ཀུན་གྱི་ཡུམ་མཆོག་གཡོ་བྱེདམོ་གིས་་་་་་་་བྱིན་གྱིས་བརླབས་པའི་ཕྱག་ཚོན་སྒྲ་སྙན་འདི་  སྟེང་ཕྱོགས་ལྷའི་ཡུལ་ལས་ འབྱུང་སྟེ་གིས་ སྙན་གྲགས་འཇིག་རྟེན་མི་ཡུལ་ཁྱབས་ཏེ་ཡོད།།
སྭ་་་ཡ་་ ལྷའི་གླུ་གར་ སྡེ་ཚན་ཁ་ཐོག་ལས། སྒྲ་སྙན་མཆོད་པ་ཕུལ་གེ་ཉན་ཅིག་གསན།ནང་ལ་ཆུང་སི་བཀྲ་ལ་ཤིས་པར་ཤོག ནང་ལ་ཆུང་སི་གཡང་ལ་ཆགས་པར་ཤོག། དབུས་ན་བསང་མཆོད་མཁའ་འགྲོ། སྒྲ་སྙན་མམཆོད་པ་བཞེས་ཤོག།བསང་མཆོད་རིགས་ ཀྱི་མཁའ་འགྲོ། དབྱངས་ཀྱི་དངོས་གྲུབ་རྩལ་ཤོག།
སྭ་་ཡ་ལྷའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། ཤར་ན་རྡོ་རྗེ་སེམས་དཔའ།སྒྲ་སྙན་་་་་་་་་་་་་་་་་་་་། རྡོ་རྗེ་རིགས་ཀྱི་མཁའ་འགྲོ། དབྱངས་ཀྱི་དངོས་གྲུབ་རྩལ་ཤོག།
སྭ་་་་ཡ་ལྷའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། ལྷོ་ན་རིན་ཆེན་འབྱུང་གནས།། སྒྲ་སྙན་་་་་་་་་་་་་་་། རིན་ཆེན་རིགས་ཀྱི་མཁའ་འགྲོ། དབྱངས་ཀྱི་དངོས་གྲུབ་རྩལ་ཤོག།
སྭ་་་ཡ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། ནུབ་ན་སྣང་བ་མཐའ་ཡས།།སྒྲ་སྙན་་་་་་་་་་་་་་་་་་། པདྨ་རིགས་ཀྱི་མཁའ་འགྲོ། དབྱངས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
སྭ་་་ཡ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།་་་་ བྱང་ན་དོན་ཡོན་གྲུབ་པ། སྒྲ་སྙན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ལས་ཀྱི་རིགས་ཀྱི་མཁའ་འགྲོ། དབྱངས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།



                          
                       ༼སྒྲ་སྙན་མཆོད་པ༽
༉ གསུང་སྙན་པ་འདྲའི་ཅིག་སྨོ་་་་། སྟེང་ཕྱོགས་ལ་འབུལ་ལོ། སྟེང་གི་ལྷ་དང་ལྷ་མོ་་་་་དབའི་གསུང་སྒྲ་སྙན་ནང་ལས་གསན་ད། སྒྲ་སྙན་དགའ་ལ་དགའ་ལ་གཡས་ཕྱོགས་ལས་གསན་ད། སྒྲ་སྙན་སྐྱིད་ལ་སྐྱིད་ལ་དཡོན་ཕྱོགས་ལས་གསན་ད།༢
གསུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།་བར་ཕྱོགས་ལ་འབུལ་ལོ། བཙན་གྱི་ཡབ་སྨད་སྤུན་བདུན་་་་་དབའི་གསུང་་་་་་་་་་་་་་་་་་་་་་་་་་་་་་་་་་་། སྒྲ་སྙན་དགའ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། སྒྲ་སྙན་སྐྱིད་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།༢
གསུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།འོག་ཕྱོགས་ལ་འབུལ་ལོ། ཀླུའི་གཙུག་ན་རིན་ཆེན་་་་་་་་་་་་་་་་་དབའི་གསུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། སྒྲ་སྙན་དགའ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། སྒྲ་སྙན་སྐྱིད་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།༢
རྫོགས་སོ།།




༉ ཨེ་མོ་གཡང་ཅིག་གསུང་ལ།རྒྱ་གར་ས་ཐག་རིང་ཚེ་ཡ་ལ་ས་རོགས་ཚུ་ལ། རྒྱ་གནག་རི་བོའི་རྩེ་ལས་ གཡུས་ཀྱི་གཞུང་ལ། གསུང་ཡང་ཨེ་མོ་གཡང་ཅིག་གསུང་ལ།གཡང་ཅིག་ཨེ་མོ་གསུང་ལ།
ཨེ་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།ཟླ་བ་དང་པ་ཚེ་པའི་ཡ་ལ་ཚེ་ལྔ་ལུ་ལ། བྲམ་ཟེ་ལ་ཡབ་ཡུམ་གཉིས་ཀྱི་ སྲས་སུ་འཁྲུངས་ལ། གསུང་ཡང་ཨེ་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཨེ་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བདུད་ཀྱི་ཕ་ཁྲིད་བུ་ཁྲིད་ཡ་ལ་ལུས་ལ་ཤེས་ལ་། བདུད་ཀྱི་ཕ་དང་མཁའ་འགྲོ་ སྡེ་ལྔ་བཅས་ལ། གསུང་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཨེ་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཚེ་འདིར་ཆེ་བའི་ཚེ་ལུ་ཡ་ལ་ཆོས་སྐུ་བཞུགས་ལ། ཚེ་འདི་བག་མེད་ཚེ་ལུ་ ཆོས་སྐུ་བཞུགས་ལ། གསུང་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཨེ་མོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཚེ་འདིར་ཆེ་བའི་ཚེ་ལུ་ཡ་ལ་ཚེ་སྐུ་བཞུགས་ལ། ཚེ་སྐུ་ཆོས་སྐུ་ལོངས་སྐུ་ སྤྲུལ་སྐུ་གསུམ་ལ། གསུང་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
བཀྲིས་བདེ་ལེགས།།




༉ གནས་ལ་དང་པ་མི་ཆགས་དང་པ་ཆགས། གནས་ལ་དང་པ་སྤ་རོ་སྟག་ཚང་། ཆགས་ལ་ལྷ་གཅིག་ཨྱོན་པདྨའི་ བཀྲིན་གྱི། སྨན་ལྗོངས་དག་པའི་ཞིང་དུ་བྱིན་གྱིས་རླབས། སངས་རྒྱས་བསྟན་པ་དར་བའི་བརྟེན་འབྲེལ། ས་ལ་འགྱུར་ བ་མེད་པའི་བཀྲིས་སྨོན་ལམ་ཞུ།
གནས་ལ་གཉིས་པ་མི་ཆགས་གཉིས་པ་ཆགས། གཉིས་པ་སྤུང་ཐང་བདེ་ཆེན་ཕོ་བྲང་། ཆགས་ལ་སྐྱབས་མགོན་ངག་ དབང་རྣམ་རྒྱལ་བཀྲིན་གྱི། ཆོས་སྲིད་ལུགས་གཉིས་བསྟན་པའི་ལམ་སྲོལ་བཙུགས། རྒྱལ་ཁབ་རང་དབང་ཐོབ་པའི་ བརྟེན་འབྲེལ། ས་ལ་འགྱུར་བ་མེད་པའི་བཀྲིས་སྨོན་ལམ་ཞུ།
གནས་ལ་གསུམ་པ་མི་ཆགས་གསུམ་པ་ཆགས། གསུམ་པ་ཆོས་འཁོར་རྩེའི་རྫོང་ཆེན། ཆགས་ལ་མི་རྗེ་ཨྱོན་དབང་ ཕྱུག་བཀྲིན་གྱི། རྒྱུད་འཛིན་རྒྱལ་རབས་གསེར་གྱི་ཁྲི་ལ་བྱོན། མི་སེར་བདེ་ཞིང་བཀོད་པའི་བརྟེན་འབྲེལ། ས་ལ་འགྱུར་ བ་མེད་པའི་བཀྲིས་སྨོན་ལམ་ཞུ།
གནས་ལ་བཞི་པ་མི་ཆགས་བཞི་པ་ཆགས། བཞི་པ་བདེ་ཆེན་ཆོས་གླིང་ཕོ་བྲང་། ཆགས་ལ་མི་དབང་འཇིགས་མེད་སེང་ གེ་བཀྲིན་གྱི། དབང་ཆ་ཕྱིར་སྤེལ་རྩ་ཁྲིམས་ཆེན་མོ་རྩམས། རང་ཙན་ཡུན་དུ་གནས་པའི་བརྟེན་འབྲེལ། ས་ལ་འགྱུར་ བ་མེད་པའི་བཀྲིས་སྨོན་ལམ་ཞུ།
                               རྫོགས་སོ།།



༉ དགོན་པ་གསེར་ལས་གྲུབ་པའི་དཔོན་གཡོག་ཚོ་ལ། ཉི་མ་ཤར་གྱི་ཕྱོགས་སུ་ལས་མི་བྱོན་ག།  ཁྲི་གདུགས་ཉི་མ་འདྲ་བའི་རྟ་པོ་བཙུགས་ལ། ཞོ་ཤེལ་ཟླ་བ་འདྲ་བའི་ལས་སྒ་ཆས་སྒྲོན། སྐར་མ་སྨིན་དྲུག་མང་པོ་སོ་སོར་གྱེས་ལ། མ་རིག་མུན་པ་སེལ་བ་ལས་མི་བྱོན་ག།  ཕོ་ཤིང་རྟག་པ་འདྲ་བའི་རྟ་པོ་བཙུགས་ལ། མོ་ཤིང་གླང་པ་འདྲ་བའི་ལས་སྒ་ཆས་སྒྲོན། ཤིང་ལ་ཤིང་ཆེན་མང་པོ་སོ་སོར་གྱེས་ལ། ཀ་བཞི་གདུང་བརྒྱད་བཙུགས་པ་ལས་མི་བྱོན་ག།  ཨེ་རི་གཙང་ཆུ་འདྲ་བའི་རྟ་པོ་བཙུགས་ལ། སྐྱིད་ཆུ་སྔོན་མོ་འདྲ་བའི་སྒ་ཆས་སྒྲོན།  ཆུ་ལ་ཆུ་ཆེན་མང་པོ་སོ་སོར་གྱེས་ལ། དངུལ་གྱི་བུམ་ཆུ་འདེགས་པར་ལས་མི་བྱོན་ག།








༉ ཡུལ་ཡང་མི་འདྲ་རྒྱ་ཡུལ་པདྨའི་ཐང་། མི་ཡང་མི་འདྲ་རྒྱ་བཟའ་དབང་ཕྱུག་མ། དབང་ཕྱུག་དགའ་ནས་བོད་ལ་བྱོན་པ་མིན། གནམ་བསྐོས་བོད་ལ་བཀོད་པ་མ་གཏོགས་པས། ཡུལ་ཡང་མི་འདྲ་སྣང་སའི་ཡུལ་ཅིག་འདུག། མི་ཡང་མི་འདྲ་སྣང་སའི་བུ་མོ་བཞུགས། སྣང་ས་དགའ་ནས་ཆོས་ལ་བྱོན་པ་མིན། ལས་འཕྲོ་ཆོས་ལ་བཀོད་པ་མ་གཏོགས་པས། ཆོས་ལ་མི་འདྲ་བཀའ་འགྱུར་བསྟན་འགྱུར་བཞེངས། ཆོས་ཀྱི་ཡོན་ཏན་ཀུན་ལ་ཁྱབ་པར་ཤོག། བཟའ་མོས་ཆོས་ཀྱི་གོ་འཕང་འཐོབ་པར་ཤོག།
                           རྫོགསོ།།








༉ དགུང་སྔོན་བཀྲིས་གཡང་ཆགས་ལགས། ཨ་མ་ལེགས་ཨོ། ཁྲི་གདུགས་ཡིད་བཞིན་ནོར་བུ། དཔལ་ལྡན་འབྲུག་ པའི་ཞབས་བྲོ། དགུང་དང་སྤྲིན་གྱི་བར་ལ་ལགས། ཨ་་་་་་་་་་་་་་་། སྐྱི་བསེར་རླུང་གིས་འཐོར་སོང་། དཔལ་་་་་་་་་་་་་་་་་། དྲོད་ཉམས་འོད་ཀྱིས་སྐྱོང་བ་ལགས། ཨ་་་་་་་་་་་་་་་་། ཁྲི་གདུགས་བཀྲིན་ཆེ་སོང་། དཔལ་་་་་་་་་་་་་་། ལྷོ་ལྗོངས་བཀྲིས་ གཡང་ཆགས་ལགས། ཨ་་་་་་་་་་་་། མངའ་བདག་ཡིད་བཞིན་ནོར་བུ། དཔལ་་་་་་་་་་་་་། ལོངས་སྤྱོད་སེམས་ལ་འཆང་ བ་ལགས། ཨ་་་་་་་་་་་་། རྩ་གསུམ་ལྷ་ཡི་ཐུགས་རྗེ། དཔལ་་་་་་་་་་་་། མི་སེར་བདེ་ཞིང་སྐྱིད་པ་ལགས། ཨ་་་་་་་་་་་། མངའ་ བདག་བཀྲིན་ཆེ་སོང། དཔལ་་་་་་་་་་་་། རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ལགས། ཨ་་་་་་་་་་་། བཤད་སྒྲུབ་བསྟན་པ་དར་སོང། དཔལ་ལྡན་འབྲུག་ཕའི་ཞབས་བྲོ།།
                






༉ དགུང་སྟོད་གསེར་གྱི་མེ་ཏོག་ཐུགས་སྤྲོ་ལ་གནང་ད། ཁྲི་གདུགས་གསེར་སྦྲང་འབུང་བ་གླུ་གར་ལ་འགྱུར་ཡོད། བཀྲིས་གཡང་ཆགས་ལ་ཟེར་ན་བཀྲ་ལ་ཤིས་པར་ཤོག་ཅིག བཀྲིས་གཡང་ཆགས་ལ་ཟེར་ན་གཡང་ལ་ཆགས་པར་ཤོག་ ཅིག
གངས་སྟོད་གསེར་གྱི་མེ་ཏོག་ཐུགས་སྤྲོ་ལ་གནང་ད། སེང་ཆེན་གསེར་སྦྲང་འབུང་བ་གླུ་གར་ལ་འགྱུར་ཡོད། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སྤང་སྟོད་གསེར་གྱི་མེ་ཏོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཤ་ཕྲུག་གསེར་སྦྲང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
མཚོ་སྟོད་གསེར་གྱི་མེ་ཏོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ཉ་མོ་གསེར་སྦྲང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གཡུས་སྟོད་གསེར་གྱི་མེ་ཏོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། ན་གཞོན་གསེར་སྦྲང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བཀྲིས་གཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
                             བཀྲིན་ཆེ།


                

༉ ཡ་ལ་སྭ་་་་་་་དགོན་པ་དགའ་བ་གཅིག་དང་སྐྱིད་པ་གཉིས། དགོན་པ་དགའ་བ་ཆོས་འཁོར་ལྷ་ས་ཆགས། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་་་་་་་་་་་བླ་མ་བཟང་པོ་གཅིག་དང་བཟང་པོ་གཉིས། བླ་མ་བཟང་པོ་ཤཀྱ་མ་ནི་བཞུགས། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་་ཤཀྱ་མ་ནི་གསེར་ཁྲི་སྟེང་ལུ་བཞུགས། ཕྱག་དང་མཆོད་པ་གསེར་ཁྲི་རྩཝ་ལས་ཕུལ། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགོན་པ་འདི་ལུ་བལྟ་སྟེ་ཡིད་རང་དོ། བླ་མའི་ཡོན་ལུ་བལྟ་སྟེ་ཆོས་འདྲེན་ནོ། ཡ་ལ་སྭ་་་་་་་་་་་་་་་་་་་་་རང་ཡང་ཆོས་ཞུ་གཏང་གནང་ཡབ་ཡུམ་གཉིས། ཕྱི་མ་ཕན་པའི་ཆོས་ཅིག་བླམ་ལས་ཞུ།།
ཡ་ལ་སྭ་་་་་་་་་་་་་་་་་་་དགོན་པ་དགའ་བ་གཅིག་དང་སྐྱིད་པ་གཉིས། དགོན་པ་དགའ་བ་ལྷོ་བྲག་མཁར་ཆུ་ཆགས། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་བླ་མ་བཟང་པོ་གཅིག་དང་བཟང་པོ་གཉིས། བླ་མ་བཟང་པོ་ནམ་མཁའི་སྙིང་པོ་བཞུགས། ཡ་ལ་སྭ་་་་་་་་་་་་་་་་་ནམ་མཁའི་སྙིང་པོ་དངུལ་ཁྲི་སྟེང་ལུ་བཞུགས། ཕྱག་དང་མཆོད་པ་དངུལ་ཁྲི་རྩཝ་ལས་ཕུལ། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགོན་པ་འདི་ལུ་བལྟ་སྟེ་ཡིད་རང་དོ། བླ་མའི་ཡོན་ལུ་བལྟ་སྟེ་ཆོས་འདྲེན་ནོ། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་རང་ཡང་ཆོས་ཞུ་གཏང་གནང་ཡབ་ཡུམ་གཉིས། ཕྱི་མ་ཕན་པའི་ཆོས་ཅིག་བླམ་ལས་ཞུ།།
ཡ་ལ་སྭ་་་་་་་་་་་་་་་་་་་་་་དགོན་པ་དགའ་བ་གཅིག་དང་སྐྱིད་པ་གཉིས། དགོན་པ་དགའ་བ་སྤུང་ཐང་བདེ་ཆེན་ཆགས། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་བླ་མ་བཟང་པོ་གཅིག་དང་བཟང་པོ་གཉིས། བླ་མ་བཟང་པོ་ངག་དབང་རྣམ་རྒྱལ་བཞུགས། ཡ་ལ་སྭ་་་་་་་་་་་་་་་་་་ངག་དབང་རྣམ་རྒྱལ་གདུང་ཁྲི་སྟེང་ལུ་བཞུགས། ཕྱག་དང་མཆོད་པ་གདུང་ཁྲི་རྩཝ་ལས་ཕུལ། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགོན་པ་འདི་ལུ་བལྟ་སྟེ་ཡིད་རང་དོ། བླ་མའི་ཡོན་ལུ་བལྟ་སྟེ་ཆོས་འདྲོན་ནོ། ཡ་ལ་སྭ་་་་་་་་་་་་་་་་་་་་་་་་་་་རང་ཡང་ཆོས་ཞུ་གཏང་གནང་ཡབ་ཡུམ་གཉིས། ཕྱི་མ་ཕན་པའི་ཆོས་ཅིག་བླམ་ལས་ཞུ།།
                                   བཀྲིས་བདེ་ལེགས་ཞུ།།

༉ ཆོས་ལྡན་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་།། གདུང་ཟབ་གཏེར་བཏོན་པདྨ་གླིང་པའི་བརྒྱུད།། ཆོས་རྒྱལ་མངའ་བདག་མི་དབང་རིན་ཆེན་འཁྲུངས།། ལ་དགའ་བ་ཡོད་ལ་སྐྱིད་པའི་སྤྲོ་མཉམ་ཡོད།།2
ཁ་བཞི་སྨན་ལྗོངས་འབྲུག་པ་བསོད་ནམས་ཆེ།། ཕྱི་ནང་དགྲའི་ཕྱོགས་ལས་རྣམ་པར་རྒྱལ།། མི་དབང་བརྒྱུད་འཛིན་རྒྱལ་པོའི་སྐུ་དྲིན་ཨིན།། ལ་དགའ་བ་ཡོད་ལ་སྐྱིད་པའི་སྤྲོ་མཉམ་ཡོད།།2
ལུང་བསྟན་མི་དབང་མངའ་བདག་རྒྱལ་པོ་མཆོག། ཐུགས་བཟང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེ།། རིན་མེད་འབངས་རྣམས་བུ་གཞི་མ་བཞིན་སྐྱོང་།། ལ་དགའ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།2
ཕྱིའི་རྒྱལ་ཁབ་གཞན་དང་མཐུན་ལམ་མང་།། ནང་ལ་མི་སེར་བྱམས་དང་སྙིང་རྗེའི་སྐྱོང་།། བསོད་ནམས་བཟང་བ་འབངས་རྣམས་ཕན་བདེ་ཆེ།། ལ་འབྲུག་གི་རྒྱལ་བློན་འབངས་གསུམ་མཐུན་ལམ་ཆེ།།
ཡར་རྒྱས་རྩ་བ་མི་ཉམས་གོང་དུ་འཕེལ།། འབངས་རྣམས་བདེ་སྐྱིད་ཉི་མ་ཤར་ཏེ་གིས།། མི་དབང་རྒྱལ་པོ་སྐུ་ཚེ་རིང་བར་ཤོག། ལ་དགའ་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།2
ཆོས་སྲིད་ལུགས་གཉིས་རྟག་ཏུ་འཕེལ་བར་ཤོག། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག། དགའ་སྐྱིད་སྤྲོ་མཉམ་འགྱུར་མེད་བརྟན་པར་ཤོག། ལ་དགའ་བ་ཡོད་ལ་སྐྱིད་པའི་སྤྲོ་མཉམ་ཡོད།།2
བཀྲིན་ཆེ།།

Thursday, October 17, 2013

Photo courtesy of https://www.facebook.com/ILoveMyCountryBhutan/photos_stream

Thursday, October 10, 2013

If your computer is getting affected by the shortcut VIRUS, you don't have to change the window Rather you can create a new USER account and delete the old one. (copy the files on desktop, or that are in VIDEOS, DOCUMENTS, PICTURES, and MUSIC). Then you can install the USB disk security

Saturday, September 7, 2013

My Life

“Its hard to wait around for something you know might never happen; but its harder to give up when you know its everything you want.” – Unknown


“Life is like photography. You need the negatives to develop.” - Unknown